འབའ་པ་སྐལ་བཟང་འཕྲིན་ལས།
ང་ནི་ང་རང་ཡིན་ནཡང་། ངས་ད་དུང་རང་ཉིད་འཁྲུལ་མེད་དེ་རྙེད་མ་སོང་། དོན་དམ་པར་རང་ཉིད་ཅི་འདྲ་ཞིག་ཡིན་མིན་ཤེས་པའི་སླད་དུ་རང་ཉིད་ཀྱི་གོམ་པ་འདོར་བཞིན་ཡོད།
ཟླ་རེའི་ཡིག་ཚགས།
སྐུ་མགྲོན་ཡོངས་ལ་འཚམས་འདྲི་ཞུ།
༄༅།། བརྡ་འཕྲིན་གྱི་དུས་རབས་སུ་བརྡ་འཕྲིན་ནི་སྲིད་འབྱོར་རིག་སྲིད་གོང་དུ་གསུམ་བཏེགས་པའི་བགྲོད་ལམ་ཡག་ཤོས་དེ་རེད། བརྒྱུད་ལམ་དེ་ནས་མི་ཡི་མངོན་འདོད་མང་པོ་ཞིག་ཐབས་འཚོལ་བྱ་ཐུབ། ཁོ་བོས་ཀྱང་བརྒྱུད་ལམ་ནས་རང་ཅག་གངས་ཅན་པའི་དབུགས་རྔ་དེ་ཡི་བཞུར་རྒྱུན་བསྲིངས་པའི་སླད་དུ། ཟིན་བྲིས་ཞེས་པའི་ཚིག་འབྲུ་གཉིས་པོ་ལ་རིན་ཐང་ཆེན་པོ་འཇོག་བཞིན་ཡོད་ལ། ད་ཐེངས་ཟིན་བྲིས་ཞེས་པའི་ཚིག་འབྲུ་གཉིས་པའི་རིན་ཐང་ལོངས་སུའང་སྤྱོད་ཀྱི་ཡིན། ང་ཡི་ཁྱིམ་གཞི་གསར་པའི་སྒོ་ཁ་ནས་དར་ཚོན་གཅོད་བྲེག་བྱ་སར་ཕེབས་པའི་གྲོགས་པོ་སྐུ་མགྲོན་ཡོངས་ལ་འཚམས་འདྲི་ཞུ།
མཚམས་འདི་ནས་ཟིན་བྲིས་གསར་བཟོ་ཡི་རོགས་གདན་གནང་མཁན་དྲ་རྒྱ་ཆེད་བཟོ་བ་བསོད་ནམས་འོད་ཟེར་མཆོག་ལ་བཀའ་དྲིན་ཆེ་ཞུ།
འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས།
མཚམས་འདི་ནས་ཟིན་བྲིས་གསར་བཟོ་ཡི་རོགས་གདན་གནང་མཁན་དྲ་རྒྱ་ཆེད་བཟོ་བ་བསོད་ནམས་འོད་ཟེར་མཆོག་ལ་བཀའ་དྲིན་ཆེ་ཞུ།
འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས།
འབྲེལ་ཡོད་དྲྭ་འབྲེལ།
བདེ་སྐྱིད་ཟེར་བ་དེ་འདི་རེད།
ཁྱེད་དང་ང་།ང་དང་ཁོ། ལྗིད་ཏིག་ཏིག་གི་ཐ་སྙད་འདི་ནུབ་སོང་ན། འཇིག་རྟེན་འདིར་ས་མཚམས་མེད་ལ། སྣང་མུན་དང་དཀར་ནག་ཟེར་བའི་དཀར་འདོན་གྱི་སྐད་ཆ་དག་ཀྱང་ཆད་འོངས། དུས་དེར་ཁྱེད་ཀྱིས་བདེ་སྐྱིད་ཅེས་པའི་ཚིག་འབྲུ་གཉིས་ཀྱི་འབྲུ་དོན་ཡང་ཤེས་ཚོད་ཡིན།
ཟིན་བྲིས་ཡིག་ཚགས།
སྒེར་གྱི་རྒྱུ་ཆ།
- ༄༅།། འབའ་ཐང་གི་འགྱུར་ཁུག
- འབྲེལ་གཏུགས་ཁ་པར། ༠༩༩༧༢༤༠༧༠༤༨ ཁེའུ་ཁེའུ། 891359375
འབའ་པ་སྐལ་བཟང་འཕྲིན་ལས།. Powered by Blogger.
དྲྭ་རྒྱ་བཟོ་འགོད་པ་བསོད་ནམས་འོད་ཟེར།
Sunday, March 20, 2011
འབའ་ཐང་ཞེས་པའི་མིང་དོན་འཇུག་སྟངས་སྐོར་ཅུང་ཟད་དཔྱད་པ།
འབའ་པ་སྐལ་བཟང་འཕྲིན་ལས། འབྲས་བློ་གླིང་།
འབའ་པ་སྐལ་བཟང་འཕྲིན་ལས། འབྲས་བློ་གླིང་།
འབའ་ཐང་ཞེས་པའི་མིང་འཇུག་སྟངས་ཐད་འབའ་ཐང་གི་ལོ་རྒྱུས་གསར་རྙིང་ཁག་ན་འཕགས་པ་མ་འགག་པ་མི་ཡི་རྣམ་པར་རོལ་ནས་ས་དེ་གར་ཕེབས་སྐབས་སྲིད་པའི་ལྷ་ལུག་དཀར་པོས་འབལ་ཞེས་པའི་སྒྲ་སྒྲོག་པར་བརྟེན་འབལ་ཞེས་མིང་ཐོགས་པ་དང་།ཕྱིས་སུ་འབའ་ཞེས་སྒྲ་ཟུར་ཆགས་པ་ཡིན་ཚུལ་བཤད་འདུག ཡང་རྒྱ་ཡིག་ཐོག་ཡོད་པའི་འབའ་ཐང་གི་ལོ་རྒྱུས་ཁག་ན་སྔོན་ས་གནས་དེ་འབྲོག་པའི་ས་ཆ་ཞིག་ཡིན་པ་དང་ས་གནས་དེར་འབྲོག་པའི་ཁྱིམ་ཚང་ཆེན་པོ་ཞིག་ཡོད
Saturday, March 5, 2011
བློ་ཐག་ཉེ་ཞིང་ལྟ་སྤྱོད་གཉིས་སུ་མེད་པའི་གྲོགས་པོ་སྐོར་ཅིག་གིས་གནང་བའི་ ལོ་གསར་ཤིས་ཚིག
ངས་ལོ་གསར་གྱི་སྡེར་ཁ་ཡི་དོད་དུ་བསམས་ནས་རྣམ་པ་ཚོའི་མིག་སྔར་གཤམ་པ་ ལགས་སོ།
བརྩེ་ བའི་གྲོགས་པོ་དང་གྲོགས་མོ། དགའ་ཉེ་སྤུན་མཆེད་ཡོངས་ལ་བོད་ལྕགས་ཡོས་ལོའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་ རྟེན་འབྲེལ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། དགུང་གསར་འདིར་ཁྱེད་རྣམ་པ་བྱ་བ་ལམ་འགྲོ་དང་ཚེ་རིང་ནད་མེད། ཅི་བསམ་ལྷུན་འགྲུབ་ཡོང་བའི་སྨོན་འདུན་བཅས།
Thursday, March 3, 2011
རང་དང་ཉེ་བའི་འབྲེལ་ཡོད་ལྟོས་བཅས་ཡོངས་ལ་ཕུལ།
གནམ་འོག་ཕ་མཐའ་གཞལ་པའི་ས་མཐའ་ན།།
ལོ་གསར་ལོ་གསར་འབོད་པའི་ཐ་སྙད་འོག།
སྤྲོ་སྟོན་འཛུམ་ཁར་རོལ་པའི་ཉིན་མོ་འདིར།།
ངས་ཀྱང་བཀྲིས་དབྱངས་ཀྱིས་ཁ་བཏགས་འཐེན།།
གསར་བཞད་ལོ་དེ་མགོ་ཐོག་བཞད་པ་ན།།
གསར་པའི་འཚོ་བ་ལུས་ཐོག་མྱོང་གྱུར་ཅིག།།
བཀྲ་ཤིས་ཁ་བཏགས་སྐེད་ལ་ཐོགས་པ་ན།།
བཀྲ་ཤིས་ལས་དོན་ལག་ཏུ་ཐོབ་གྱུར་ཅིག།
གསར་པའི་ལོ་ཡི་འཛུམ་ཁ་མངར་མོ་འདི།།
གསར་པའི་ལོ་ཡི་འཚོ་བ་དྲོན་མོ་འདི།།
མི་ཚེ་གང་བོར་ཁྱེད་ལ་གནས་གྱུར་ཅིག།
མི་ཚེ་གང་བོར་ཁྱེད་ལ་ཐོབ་གྱུར་ཅིག།
གུས་པ་འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས།
ལོ་གསར་ཞེས་པ་ནི་ལོ་གསར་པ་ཞིག་འགོ་ཚུགས་མ་ཐག་པའི་དུས་ཚོད་ཞིག་ལ་གོ་དགོས་ལ། དེ་ཡང་ཉི་མ་འཆར་ནུབ་བར་གྱི་དུས་ཡུན་ལ་ཉིན་གཅིག་དང་།ཟླ་བ་འཕེལ་འགྲིབ་གཉིས་ ཀྱི་དུས་ཡུན་ལ་ཟླ་བ་གཅིག་དང་།ཉི་མ་བྱང་བགྲོད་དང་ལྷོ་བགྲོད་གཉིས་བྱས་པའི་ ཡུན་ཚད་དམ།ཡང་ན་སའི་གོ་ལ་ཡིས་ཉི་མ་སྤྱི་འཁོར་གཅིག་བྱས་པའི་ཡུན་ཚད་ལ་ལོ་ གཅིག་གི་ཡུན་དུ་འདོད།དེ་ལྟ་བུའི་ཡུན་ཚད་ཅན་གྱི་ལོ་དུས་རེ་རེ་འགོ་ཚུགས་པའི་ སྐབས་དུས་སྟོན་ཞིག་ལ་གཏོང་སྲོལ་བྱུང་བ་དང་།དུས་སྟོན་དེར་ལོ་གསར་ཞེས་འབོད།
Sunday, February 13, 2011
<<འཆིང་བའི་ཕྱི་ནང >>འཁྲུངས་སོང་།
འཆིང་བའི་ཕྱི་ནང་བོད་ཕྱི་ནང་གཉིས་ཀྱི་བོད་པའི་སྤྱི་ཚོགས་འཆིང་ཐག་གངཞིག་གིས་འཆིང་བ་རྣམས་འབོལ་རྩོམ་དང་སྒྲུང་བརྩམས་ཀྱི་ལམ་ནས་གསལ་སྟོན་བྱས་འདུག
དེབ་དེ་ནང་་འབོལ་རྩོམདང་སྒྲུང་གཏམ་ཁག་༡༩་དང་ཤོག་གྲངས་༡༠༢ཡོད་པ་དང་། ཕྱི་ཟླ་༢ པའི་ཚེས་༢ཉིནལྷོ་ཕྱོགས་hubliགྲོང་ཁྱེར་ajantaམགྲོན་ཁང་ནང་བློ་གསལ་གླིང་སློབ་གྲའི་ཆེ་དགེ་འབའ་པ་འཆི་མེད་དང་དེབ་འདི་ཡི་རྩོམ་པོ་འཆམ་ར་དྲི་མེད།རྩོམ་པ་པོ་བེ་རི་དཔལ་ལྡན་རྣམ་རྒྱལ།མཐོ་སྒང་གི་ཉི་ཟེར་ རྩོམ་སྒྲིག་པ་དཀར་མཛེས་ཆོས་ཀྱི་རྒྱལ་མཚན།གློག་ཀླད་ཆེད་ལས་པ་བྲག་གཡབ་བསོད་ ནམས་ཚེ་རིང་།མཐོ་སྒང་གི་ཉི་ཟེར་རྩོམ་སྒྲིག་པ་འབའ་པ་སྐལ་བཟང་འཕྲིནལས་སོགས་ སྐུ་མགྲོན་མི་གྲངས་༢༠ལྷག་མཉམ་འཛོམས་ཀྱིས་དབུ་འབྱེད་དང་་སྤྱི་ཚོགས་ཐོག་དངོས་ སུ་འགྲེམས་སྤེལ་བྱས་འདུག
དེབ་འདི་ནི་མིང་དུ་གྲགས་པའི་དྲ་གནས་རྩོམ་པ་པོ་འཆམ་ར་དྲི་མེད་རྒྱལ་མཚན་གྱིས་བརྩམས་འདུག
དེབ་དེར་མཚོན་ན་སྔ་ཕྱི་བར་གསུམ་རྒྱས་མངའ་ཞིབ་ཀློག་ཆེ་ཤོེས་རང་ཉིད་ཡིན་པའི་ཆ་ནས་དེབ་དེར་དཔྱད་བརྗོད་ཞིག་འབྲི་འཆར་ཡོད།
Tuesday, February 8, 2011
འོད་ཟེར་གྱིས་བརྩམས།
འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས་བསྒྱུར།
ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གཙོ་སྐྱོང་བ་ལྕམ་བེ་མིང་གིས་ཉེ་ཆར་ང་འབོད་འགུག་གིས་ཆེད་དུ་བཅར་འདྲི་འགའ་བྱས་བྱུང་།འབུར་དུ་ཐོན་པའི་དྲི་བ་ཞིག་འདོན་པ་དེ་ནི་ཏྰ་ལའི་བླ་མ་བོད་མའི་སེམས་སུ་ཇི་འདྲ་གནས་ཡོད་པ་ཡིན་ནམ།དེའི་ཟབ་ཚད་གང་འདྲ་ཡིན་ནམ་ཟེར་བ་དག་རེད།
དེ་ནས་ངས་གཏམ་རྒྱུད་ཅིག་བཤད་པ་ཡིན།༢༠༠༦ལོར་ཚེས་མ་ཐག་གོང་ས་ཏྰ་ལའི་བླ་མ་མཆོག་གིས་སྟོན་པ་སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་ཡུལ་གྱི་བྱང་ཆུབ་ལྗོན་ཤིང་འོག་ཏུ་དུས་འཁོར་དབང་ཆེན་གྱི་བཀའ་དབང་གནང་སྐབས་སུ།བོད་ཀྱི་ས་ཆ་གང་སར་རིན་གོང་ཆེ་ཞིང་སྟོངས་ལ་ཉེ་བའི་གཅན་གཟན་ལྤགས་རིགས་ཉོ་ཚོང་དང་རྒྱན་གོས་བྱས་པའི་ཐད་ནན་ཏན་སྒོ་ནས་གསུང་དོན་་ཁྱོད་ཚོས་འདི་ལྟར་བྱས་ན་ང་ཏྰ་ལའི་བླ་མ་ངོ་ཚ་གིན་འདུག རྒྱལ་སྤྱི་ཡི་སྡིངས་ཆ་སྟེང་བོད་མི་རིགས་ལ་ཆེད་དུ་མིང་ངན་བཟོས་ཀྱི་འདུག གཏན་ནས་ཡག་པོ་མ་རེད།ངེས་པར་དུ་མཚམས་འཇོག་བྱེད་དགོས་ཀྱིན་འདུག་ཅེས་གསུངས།
Monday, January 17, 2011
![]() |
| Add caption |
ཡུལ་སྲོལ་རིག་གཞུང་ཡོད་ཚད་ནི་འགྲོ་བ་མིའི་འཚོ་ཐབས་ཀྱི་ཆོ་ག་ཡིན་ལ།ཅི་སྟེ་ཉིན་རེ་ཉིན་རེ་ཡི་འཚོ་བའི་ལག་ལེན་ཁྲོད་དུ་དགོས་མཁོའི་སྟོང་ཆ་ཁག་བསྐང་མི་ཐུབ་ན། ཨ་འཐས་ཀྱིས་རོ་འཐམ་མ་བྱས་པར་ཚུར་ལེན་གྱི་སྙིང་སྟོབས་སྤྱད་དེ་སྙིགས་དོར་བཅུད་ལེན་དང། རྙིང་དོར་གསར་ལེན་གྱི་བྱ་གཞག་སྤེལ་ནས་འཚོ་བའི་དཔལ་ཡོན་སྐྲུན་ཐབས་བྱ་འོས།
Subscribe to:
Posts (Atom)


