འབའ་པ་སྐལ་བཟང་འཕྲིན་ལས།

འབའ་པ་སྐལ་བཟང་འཕྲིན་ལས།
ང་ནི་ང་རང་ཡིན་ནཡང་། ངས་ད་དུང་རང་ཉིད་འཁྲུལ་མེད་དེ་རྙེད་མ་སོང་། དོན་དམ་པར་རང་ཉིད་ཅི་འདྲ་ཞིག་ཡིན་མིན་ཤེས་པའི་སླད་དུ་རང་ཉིད་ཀྱི་གོམ་པ་འདོར་བཞིན་ཡོད།
ཟླ་རེའི་ཡིག་ཚགས།

སྐུ་མགྲོན་ཡོངས་ལ་འཚམས་འདྲི་ཞུ།

༄༅།། བརྡ་འཕྲིན་གྱི་དུས་རབས་སུ་བརྡ་འཕྲིན་ནི་སྲིད་འབྱོར་རིག་སྲིད་གོང་དུ་གསུམ་བཏེགས་པའི་བགྲོད་ལམ་ཡག་ཤོས་དེ་རེད། བརྒྱུད་ལམ་དེ་ནས་མི་ཡི་མངོན་འདོད་མང་པོ་ཞིག་ཐབས་འཚོལ་བྱ་ཐུབ། ཁོ་བོས་ཀྱང་བརྒྱུད་ལམ་ནས་རང་ཅག་གངས་ཅན་པའི་དབུགས་རྔ་དེ་ཡི་བཞུར་རྒྱུན་བསྲིངས་པའི་སླད་དུ། ཟིན་བྲིས་ཞེས་པའི་ཚིག་འབྲུ་གཉིས་པོ་ལ་རིན་ཐང་ཆེན་པོ་འཇོག་བཞིན་ཡོད་ལ། ད་ཐེངས་ཟིན་བྲིས་ཞེས་པའི་ཚིག་འབྲུ་གཉིས་པའི་རིན་ཐང་ལོངས་སུའང་སྤྱོད་ཀྱི་ཡིན། ང་ཡི་ཁྱིམ་གཞི་གསར་པའི་སྒོ་ཁ་ནས་དར་ཚོན་གཅོད་བྲེག་བྱ་སར་ཕེབས་པའི་གྲོགས་པོ་སྐུ་མགྲོན་ཡོངས་ལ་འཚམས་འདྲི་ཞུ།
མཚམས་འདི་ནས་ཟིན་བྲིས་གསར་བཟོ་ཡི་རོགས་གདན་གནང་མཁན་དྲ་རྒྱ་ཆེད་བཟོ་བ་བསོད་ནམས་འོད་ཟེར་མཆོག་ལ་བཀའ་དྲིན་ཆེ་ཞུ།

འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས།

བདེ་སྐྱིད་ཟེར་བ་དེ་འདི་རེད།

ཁྱེད་དང་ང་།ང་དང་ཁོ། ལྗིད་ཏིག་ཏིག་གི་ཐ་སྙད་འདི་ནུབ་སོང་ན། འཇིག་རྟེན་འདིར་ས་མཚམས་མེད་ལ། སྣང་མུན་དང་དཀར་ནག་ཟེར་བའི་དཀར་འདོན་གྱི་སྐད་ཆ་དག་ཀྱང་ཆད་འོངས། དུས་དེར་ཁྱེད་ཀྱིས་བདེ་སྐྱིད་ཅེས་པའི་ཚིག་འབྲུ་གཉིས་ཀྱི་འབྲུ་དོན་ཡང་ཤེས་ཚོད་ཡིན།

ཟིན་བྲིས་ཡིག་ཚགས།

སྒེར་གྱི་རྒྱུ་ཆ།

༄༅།། འབའ་ཐང་གི་འགྱུར་ཁུག
འབྲེལ་གཏུགས་ཁ་པར། ༠༩༩༧༢༤༠༧༠༤༨ ཁེའུ་ཁེའུ། 891359375
View my complete profile
འབའ་པ་སྐལ་བཟང་འཕྲིན་ལས།. Powered by Blogger.

དྲྭ་རྒྱ་བཟོ་འགོད་པ་བསོད་ནམས་འོད་ཟེར།
Saturday, March 5, 2011

        བློ་ཐག་ཉེ་ཞིང་ལྟ་སྤྱོད་གཉིས་སུ་མེད་པའི་གྲོགས་པོ་སྐོར་ཅིག་གིས་གནང་བའི་                            ལོ་གསར་ཤིས་ཚིག
    ངས་ལོ་གསར་གྱི་སྡེར་ཁ་ཡི་དོད་དུ་བསམས་ནས་རྣམ་པ་ཚོའི་མིག་སྔར་གཤམ་པ་      ལགས་སོ

བརྩེ་ བའི་གྲོགས་པོ་དང་གྲོགས་མོ། དགའ་ཉེ་སྤུན་མཆེད་ཡོངས་ལ་བོད་ལྕགས་ཡོས་ལོའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་ རྟེན་འབྲེལ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། དགུང་གསར་འདིར་ཁྱེད་རྣམ་པ་བྱ་བ་ལམ་འགྲོ་དང་ཚེ་རིང་ནད་མེད། ཅི་བསམ་ལྷུན་འགྲུབ་ཡོང་བའི་སྨོན་འདུན་བཅས།
ཁྱུང་དཀར་ཕག་མགོན་དགེ་བཤེས་གཡུང་དྲུང་རྒྱལ་མཚན་གྱིས་དཔལ་ལྡན་༸བོན་གྱི་གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་ཕུལ།

ཁྱེད་ཀྱི་སྨོན་རྟས་མི་ཐེག་པ་དེ་དང་། འུར་གཏམ་བོང་བུས་མི་གཟའ་བའི་སྐད་ཆ་དེ་ཚོ་ལ་ངས་ཐུགས་རྗེ་ཆེ་ཞུ་དགོས་ལེ་རེད་བས།
གང་ཤེས། ང་ལ་ནི་ལོ་གསར་ཟེར་དུས་སྐྱོ་སྣང་ཞིག་འདྲེན་བྱེད་ཙམ་ལས་ཅི་ཡང་འཁོར་རྒྱུ་མི་འདུག
ཡཡ།
བྱས་ན་ངས་ཀྱང་གླུ་ཞིག་ལོས་ལེན་དགོས་ཡ།

མདའ་མོའི་རྕེ་ལྟར་རྣོ་བའི་ཤེས་རབ་ཀྱི་འཕྲུལ་འཁོར།།
སྟག་མོའི་ཁོག་ལྟར་རྔམ་པའི་སྙིང་སྟོབས་ཀྱི་ངར་ཤུགས།།
ཁྱེད་ལ་སྨོན་པ་སྟོང་གིས་རྒྱང་རིང་གི་གྲོགས་པོས།།
ཁྱེད་ལ་རེ་བ་འབུམ་གྱིས་གཟབ་གཟབ་རང་བལྟས་ཡོད།།

ཁྱེད་རང་གཡུ་འབྲུག་སྔོན་མོའི་འཕུར་རྩལ་དེ་ངོམ་ནས།།
ཡངས་པའི་བར་སྣང་ཁམས་ལ་ངར་ངར་གྱིས་ཤོག་དང་།།
ངས་ཀྱང་བྱ་རྒྱལ་རྒོད་པོའི་གཤོག་རླབས་དེ་གཡར་ནས།།
སྟོང་ཁམས་དབྱིངས་སུ་མཛེས་པའི་ལྡིང་སྐོར་ཤིག་རྒྱག་ཡོང་།།

ད་རེས་ཁོག་སྟོང་མདུན་གྱི་ནམ་མཁའ་འདི་སྟོང་དུས།།
ཁྱུང་འབྲུག་གནམ་ལ་འཁྱིལ་བའི་མཛེས་སྡུག་དེ་སྟོན་མཁན།།
ང་དང་ཁྱེད་རང་ཡིན་པའི་ང་རྒྱལ་འདི་བཟུང་ཡོད།།
ང་གཉིས་ཆིག་སྒྲིག་མདུད་པ་དམ་དུ་རང་སྡོམ་འགྲོ།

ཁྱེད་རང་རྒྱ་སྟག་ངར་མའི་སྙིང་ཤུགས་དེ་ངོམ་ནས།།
མཛེས་པའི་རྒྱ་རྫོང་ནགས་ལ་རྔམ་རྔམ་གྱིས་ཤོག་དང་།།
ངས་ཀྱང་གངས་སེང་དཀར་མོའི་གཟི་བརྗིད་དེ་ཕྱུང་ནས།།
ཁ་བ་མཐུག་ས་ཞིག་ལ་རྒོད་རྒོད་ཀྱིས་འགྱིང་ཡོང་།།

ཁྱི་སྤྱང་ངུ་ཟུག་བྱེད་པའི་མྱ་ངམ་གྱི་ཐང་ནས།།
བོང་བུས་རྒྱུག་ཤེད་ངོམ་པའི་སྤང་ཐང་གི་ཟུར་ནས།།
ནམ་མཁའ་གནམ་ལ་འདེགས་པའི་ས་ཆེན་གྱི་ངོས་ནས།།
སྟག་སེང་དཔུང་པ་བསྣོལ་འདྲའི་བུ་རྒོད་དེ་སུ་རེད།།
རྙིང་མའི་སྤྱི་འཐུས་འོས་མི་རྩོམ་པ་པོ་འཆམ་ར་དྲི་མེད་ཀྱིས།
སྐལ་བཟང་གནམ་ལོ་གསར་པའི་ཆུ་གཏེར་རུ།། འཕྲིན་ལས་ཟླ་གཞོན་འོད་དཀར་འཛགས་པ་ལས།། ཀུན་དགའི་དགའ་བ་རྒྱས་པའི་ལང་ཚོ་ཅན།། ཡིད་མཐུན་སྙིང་གི་དཔལ་དུ་གསལ་གྱུར་ཅིག
རྩོམ་པ་པོ་ཆབ་མདོ་བསྟན་པ་ཡར་འཕེལ།
༈   གྲོགས་པོ་སྐལ་བཟང་འཕྲིན་ལས་མཆོག་ལ་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་།   ལོ་གསར་པའི་ནང་སྦྲངས་འབྲས་རྩེར་སོན་དང་བྱ་བཞག་ཐམས་ཅད་ཡིད་སེམས་ཀྱི་འགྱུ་བ་ལྟར་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ། 
 མི་ཡུལ་འཚོ་བར་རློམ་པའི་སྐྱོ་གར་ཁྲོད། །
སུ་དང་གང་ལ་བཤད་འདོད་ཆེར་ཆེ་བ། །
ཕ་གཞིས་ཚང་གི་དགའ་སྟོན་གསར་བ་དེར། །
བཟང་རྒུའི་ཤིས་ཚིག་སྟོང་གི་ཆར་ཆེན་ཕོབ། །

བཀྲ་ཤིས་གནམ་ལ་རྒྱུུ་སྐར་བཟང་བ་དེར། །
བདེ་ལེགས་ཤིས་ཚིག་སྟོང་གི་དགའ་སྟོན་བསུ། །
ཕུན་ཚོགས་ཁ་བ་རི་བའི་ཡུལ་ལྗོངས་སུ། །
ཕན་བདེའི་གསོས་གྱུར་ལུགས་གཉིས་དར་བར་སྨོན། །
རྩོམ་པ་པོ་སེར་ལྷོ་བློ་བཟང་རྒྱ་མཚོ།
བཀྲ་ཤིས་གནམ་ལོ་གསར་པའི་དགའ་སྟོན་ཉིན།།
བཀྲ་ཤིས་གྲོགས་ཀྱི་འཚམས་འདྲི་སྙན་མོ་འབྱོར།།
བཀྲ་ཤིས་ཡིད་ཁམས་ལྷག་པར་སྤྲོ་བ་བརྟས།།
བཀྲ་ཤིས་ལས་བཟང་མཐའ་དག་འགྲུབ་པར་སྨོན།།

འཕགས་ཡུལ་བྱང་ཕྱོགས་རིག་པའི་གྲོགས་པོ་ བདག་གིས་སེམས་ཁོང་སྤྲོ་བ་འབུམ་གྱིས་བཟིས་ནས་སྐད་གཉིས་སྨྲ་བ་མཁྱེན་ལྡན་ཆོས་ གྲོགས་ཁྱེད་ལ་བོད་རྒྱལ་ལོ་༢༡༣༨ལོའི་གནམ་ལོ་གསར་ཚེས་ལ་འཚམས་འདྲི་དང་།་སྐུ་ ཉིད་ལོ་གསར་པའི་ནང་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ
རྟའུ་ཆོས་མཛད་ཕུན་ཚོགས་དབང་འདུས་ཀྱིས།

 འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། གྲོགས་མཆོག་གིས་སྨོན་ཚིག་གནང་བར་ཐུགས་རྗེ་ཆེ་ཞུ།  
དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་ཇི་ལྟར་ཁྱེད་ཀྱིས་སྨོན་ལམ་མཛད་པ་དེ་བཞིན་དུ་ བདག་གིས་སྨོན་པར་བགྱིའོ། བཀྲ་ཤིས་བདེ་ལེགས།  
སྟག་ལྗོངས་འཆི་མེད་ཀྱིས་།
མཁྱེན་ལྡན་ཡངས་པའི་རྒན་སྐལ་འཕྲིན་མཆོག་གི་དྲུང་དེར། ལྷད་མེད་དུང་སེམས་མཚོན་ཆེད་དུ་གནམ་ལོ་གསར་ཚེས་ལ་འཚམས་འདྲི་བཀྲིས་བདེ་ལེགས་ ཞུ། སླད་ཕྱིན་སྐུ་ཉིད་ཀྱི་བྱ་བ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ།
ས་སྐྱ་སྤྱི་འཐུས་འོས་མི་སྨར་ཁམས་ཐུབ་བསྟན་རྒྱལ་མཚན།


རབ་གནས་ལྕགས་མོ་ཡོས་ཀྱི་ལོ་གསར་བ།།
ཡ་རབས་སྤྱོད་པའི་ཕེབས་བསུ་ཞུ་འོས་མཐོང།།
ཚོར་བ་མྱོང་ཟིན་ལོ་ངོ་འདས་ཟིན་པས།།
དེ་ལ་སྐྱིད་སྡུག་ཇི་བྱུང་བཟོད་གསོལ་མཛད།།

ངག་ནས་བཀྲིས་བརྗོད་པས་ཞལ་འཛུམ་སྣང།།
ལག་ན་བདེ་ལེགས་དར་གྱིས་ཉམས་འགྱུར་སྣང།།
འཕྲལ་ཕུགས་ཕུན་སུམ་སེམས་ཀྱི་བདེ་སྐྱིད་སྣང།།
འབྲལ་མེད་ཚོགས་པའི་གཤིས་པར་ཉིད་ལ་བསྔགས།།
བཀྲིས་བདེ་ལེགས་ཞུ།།
བོད་མི་མང་སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་གྱིས།
་འབའ་པ་སྐལ་བཟང་འཕྲིན་ལས་ལགས། བྱ་བ་ལམ་འགྲོ་ལས་དོན་ལྷུན་གྲུབ་ཡོང་བའི་སྨོན་འདུན་གྲངས་མེད་ཡོད་ལགས།
ཨ་མྱེས་རྨ་ཆེན་ཉམས་ཞིབ་པ་ཆབ་མདོ་བསྟན་པ་ཉི་མ།
གནམ་ལོ་གསར་བཞད་ཀྱི་དགྱེས་སྟོན་ལ་བཀྲིས་བདེ་ལེགས་གྲངས་མེད་ཞུ།
 བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས།
འཆར་བའི་ལྕགས་མོ་ཡོས་ཀྱི་གནམ་ལོ་འདིར༎
མཆོག་གསུམ་ལྷ་དང་བླ་མའི་བྱིན་མཐུ་ཡིས༎

ཡུལ་ཁམས་བདེ་ཞིང་ལོ་ཕྱུགས་ལེགས་པ་སོགས༎

འགྲོ་རྣམས་བདེ་དགེའི་ཆོས་ཀྱིས་འཚོ་བར་ཤོག།
ཁྱད་པར་ཆོལ་ཁ་གསུམ་གྱི་སྤུན་ཟླ་རྣམས༎
ཆིག་སྒྲིལ་དཔུང་པ་ལྕགས་ལྟར་བརྟན་པ་དང༌༎

རྣམ་དཔྱོད་ཤེས་རབ་རི་བོང་བློ་ལྡན་བཞིན༎

ཐབས་ཤེས་ནུས་པའི་རྩལ་ཀུན་རྫོགས་གྱུར་ཅིག།
ཆབ་མདོ་ཤེས་རབ་ཀྱིས། 
 

0 བསམ་ཚུལ་འདོན་པ།: