འབའ་པ་སྐལ་བཟང་འཕྲིན་ལས།

འབའ་པ་སྐལ་བཟང་འཕྲིན་ལས།
ང་ནི་ང་རང་ཡིན་ནཡང་། ངས་ད་དུང་རང་ཉིད་འཁྲུལ་མེད་དེ་རྙེད་མ་སོང་། དོན་དམ་པར་རང་ཉིད་ཅི་འདྲ་ཞིག་ཡིན་མིན་ཤེས་པའི་སླད་དུ་རང་ཉིད་ཀྱི་གོམ་པ་འདོར་བཞིན་ཡོད།
ཟླ་རེའི་ཡིག་ཚགས།

སྐུ་མགྲོན་ཡོངས་ལ་འཚམས་འདྲི་ཞུ།

༄༅།། བརྡ་འཕྲིན་གྱི་དུས་རབས་སུ་བརྡ་འཕྲིན་ནི་སྲིད་འབྱོར་རིག་སྲིད་གོང་དུ་གསུམ་བཏེགས་པའི་བགྲོད་ལམ་ཡག་ཤོས་དེ་རེད། བརྒྱུད་ལམ་དེ་ནས་མི་ཡི་མངོན་འདོད་མང་པོ་ཞིག་ཐབས་འཚོལ་བྱ་ཐུབ། ཁོ་བོས་ཀྱང་བརྒྱུད་ལམ་ནས་རང་ཅག་གངས་ཅན་པའི་དབུགས་རྔ་དེ་ཡི་བཞུར་རྒྱུན་བསྲིངས་པའི་སླད་དུ། ཟིན་བྲིས་ཞེས་པའི་ཚིག་འབྲུ་གཉིས་པོ་ལ་རིན་ཐང་ཆེན་པོ་འཇོག་བཞིན་ཡོད་ལ། ད་ཐེངས་ཟིན་བྲིས་ཞེས་པའི་ཚིག་འབྲུ་གཉིས་པའི་རིན་ཐང་ལོངས་སུའང་སྤྱོད་ཀྱི་ཡིན། ང་ཡི་ཁྱིམ་གཞི་གསར་པའི་སྒོ་ཁ་ནས་དར་ཚོན་གཅོད་བྲེག་བྱ་སར་ཕེབས་པའི་གྲོགས་པོ་སྐུ་མགྲོན་ཡོངས་ལ་འཚམས་འདྲི་ཞུ།
མཚམས་འདི་ནས་ཟིན་བྲིས་གསར་བཟོ་ཡི་རོགས་གདན་གནང་མཁན་དྲ་རྒྱ་ཆེད་བཟོ་བ་བསོད་ནམས་འོད་ཟེར་མཆོག་ལ་བཀའ་དྲིན་ཆེ་ཞུ།

འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས།

བདེ་སྐྱིད་ཟེར་བ་དེ་འདི་རེད།

ཁྱེད་དང་ང་།ང་དང་ཁོ། ལྗིད་ཏིག་ཏིག་གི་ཐ་སྙད་འདི་ནུབ་སོང་ན། འཇིག་རྟེན་འདིར་ས་མཚམས་མེད་ལ། སྣང་མུན་དང་དཀར་ནག་ཟེར་བའི་དཀར་འདོན་གྱི་སྐད་ཆ་དག་ཀྱང་ཆད་འོངས། དུས་དེར་ཁྱེད་ཀྱིས་བདེ་སྐྱིད་ཅེས་པའི་ཚིག་འབྲུ་གཉིས་ཀྱི་འབྲུ་དོན་ཡང་ཤེས་ཚོད་ཡིན།

ཟིན་བྲིས་ཡིག་ཚགས།

སྒེར་གྱི་རྒྱུ་ཆ།

༄༅།། འབའ་ཐང་གི་འགྱུར་ཁུག
འབྲེལ་གཏུགས་ཁ་པར། ༠༩༩༧༢༤༠༧༠༤༨ ཁེའུ་ཁེའུ། 891359375
View my complete profile
འབའ་པ་སྐལ་བཟང་འཕྲིན་ལས།. Powered by Blogger.

དྲྭ་རྒྱ་བཟོ་འགོད་པ་བསོད་ནམས་འོད་ཟེར།
Monday, January 17, 2011
Add caption
    ཡུལ་སྲོལ་རིག་གཞུང་ཡོད་ཚད་ནི་འགྲོ་བ་མིའི་འཚོ་ཐབས་ཀྱི་ཆོ་ག་ཡིན་ལ།ཅི་སྟེ་ཉིན་རེ་ཉིན་རེ་ཡི་འཚོ་བའི་ལག་ལེན་ཁྲོད་དུ་དགོས་མཁོའི་སྟོང་ཆ་ཁག་བསྐང་མི་ཐུབ་ན། ཨ་འཐས་ཀྱིས་རོ་འཐམ་མ་བྱས་པར་ཚུར་ལེན་གྱི་སྙིང་སྟོབས་སྤྱད་དེ་སྙིགས་དོར་བཅུད་ལེན་དང། རྙིང་དོར་གསར་ལེན་གྱི་བྱ་གཞག་སྤེལ་ནས་འཚོ་བའི་དཔལ་ཡོན་སྐྲུན་ཐབས་བྱ་འོས། འགྲོ་བ་མིའི་བྱུང་རིམ་ཐད་གནའ་དེང་གི་མཁས་པ་དུ་མས་ཐོག་མར་དུད་འགྲོ་ནས་རིམ་བཞིན་མི་རུ་གྱུར་པ་ཡིན་པའི་ཁ་མཐུན་གྱིས་སྡོམ་ཚིག་བཀོད་པ་ལྟར་བདེན་ན། འགྲོ་བ་མི་རྣམས་བླུན་ལྐུགས་ནས་སྤྱང་གྲུང་དུ་གྱུར་པའི་བརྒལ་ཁ་ཆེན་པོ་ཞིག་བརྒྱུད་ཡོད་ངེས་རེད་ལ། བརྒྱུད་རིམ་དེ་ཡི་ཁྲོད་བྱ་དངོས་རྣམས་སྐྱེས་སྦྱངས་ཅི་རིགས་ཀྱི་སྒོ་ནས་འཕེལ་རྒྱས་བཏང་ཡོད་པའང་གདོན་མི་ཟ།རང་ཅག་བོད་མི་རིགས་ཀྱང་འགྲོ་བ་མི་སྤྱི་མཚུངས་ལྟར་བརྒྱུད་རིམ་དེ་བརྒལ་ཡོད་པ་གཏན་ཁེལ་རེད།འོན་ཀྱང་རང་རེའི་གངས་ལྗོངས་སུཐོག་མར་འགྲོ་བ་མི་བྱུང་ཚུལ་དང།རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་དུས་རིམ།དུས་རིམ་དེ་ཡི་ཁྲོད་འཚོ་ཐབས་ཀྱི་ཆོ་ག་ལེགས་བཅོས་ཇི་ལྟར་བཏང་ཚུལ་སོགས་ནི་བོད་ཀྱི་ལོ་རྒྱུས་ཁག་ཏུ་ལྷ་སྒྲུང་ལྟ་བུ་རྐྱང་རྐྱང་ལས་དངོས་བདེན་གསལ་སྟོན་བྱས་པ་མ་སྣང་བས་དངོས་ཡོད་ཀྱི་གནས་སྟངས་ཇི་བཞིན་བཤད་དཀའ།དེ་ནས་བཙན་པོའི་དུས་སྐབས་སུ་ལོ་རྒྱུས་ཁག་ཏུ་གསལ་བ་ལྟར་འཚོ་ཐབས་ལ་གསར་བརྗེ་རང་བཞིན་ལྡན་པའི་ལེགས་བཅོས་དུ་མ་ཞིག་བཏང་ཡོད་པ་སྟེ།དཔའ་ངར་བློ་གྲོས་ལྡན་པའི་ཆོས་རྒྱལ་ལོ་པཎ་ཚོས་ཚུར་ལེན་གྱི་སྙིང་སྟོབས་སྤྱད་དེ་འཚོ་བའི་ལག་ལེན་ཁྲོད་ཀྱི་སྟོང་ཆ་བསྐང་མི་ཐུབ་པའི་བྱ་སྤྱོད་དང།རིག་གཞུང་རྙིང་པ་དག་དོར།སྐབས་དེ་དང་དུས་དེར་ལྟོས་པའི་འཚོ་བའི་དགོས་མཁོ་ཡོངས་སུ་སྐོང་ཐུབ་པའི་རིག་གཞུང་དག་ནང་འདྲེན་དང།ལེགས་སྦྱར་ལ་དཔེ་བླངས་ཏེ་བོད་ཡིག་གསར་བཟོ་བྱས་པ་སོགས་ཀྱི་མཛད་རྗེས་བླ་ན་མེད་པ་བཞག་ཡོད།ཆོས་རྒྱལ་ལོ་པཎ་ཚོས་དཀའ་སྤྱད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ད་བར་ང་ཚོར་རིག་གཞུང་རྗེས་ལུས་པའི་མིང་ཤས་ཁུར་དགོས་མེད་ལ།ད་ལྟའི་བར་བོད་ཅེས་མི་རིགས་ཤིག་གི་ཁ་དོག་མ་ཡལ་བར་གནས་ཡོད།དུས་ཚོད་ནི་གནམ་གཤིས་ལྟར་འགྱུར་ནས་འགྲོ་ལ། འཚོ་ཐབས་ཀྱི་ཆོ་ག་ཡང་གནམ་གཤིས་གང་དང་འཚམས་པའི་གྱོན་གོས་དང་མཚུངས་པས་དུས་ཚོད་ཀྱི་འགྱུར་ལྡོག་ལ་བརྟེན་ནས་ཡང་ཡང་གསར་བརྗེ་དང་སྙིགས་དོར་བཅུད་ལེན་རང་བཞིན་གྱིས་བྱ་དགོས་པར་འདོད་དེ།བོད་བཙན་པོའི་དུས་རིམ་མཇུག་སྒྲིལ་རྗེས་འཛམ་གླིང་ན་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཆེན་པོ་མང་པོ་ཞིག་སོང་མཐར་རིག་གཞུང་རྙིང་པ་གཅིག་པུས་འཚོ་ཐབས་མེད་པར་གྱུར། དེར་བརྟེན་རྒྱལ་ཁབ་མང་པོས་སྙིགས་དོར་བཅུད་ལེན་དང་ཚུར་ལེན་སོགས་ཀྱི་བྱ་གཞག་ཚ་ཚ་འུར་འུར་སྤེལ་འགོ་ཚུགས།དུས་དེར་རང་རེའི་བོད་པ་ཚོས་ཆོས་རྒྱལ་སྲོང་བཙན་གྱིས་འཛམ་གླིང་སུམ་གཉིས་དབང་བསྒྱུར་བྱས་ཚུལ་དང།གླིང་གེ་སར་རྒྱལ་པོའི་དཔའ་རྩལ་གླེང་བཞིན་རང་སྣང་དག་སྟེ།གཉིད་ཀྱི་ཞིང་དུ་བཞུགས་ཡོད།འཛམ་གླིང་གི་གནས་ཚུལ་ཕྱོགས་ཡོངས་ནས་མཁྱེན་མཁན་ྋགོང་ས་བཅུ་གསུམ་པ་ལྟ་བུའི་རླབས་ཆེན་གྱི་མི་སྣ་ཁ་ཤས་ཀྱིས་ཚུར་ལེན་གྱི་ཐབས་ལམ་སྤྱད་དེ་འཚོ་ཐབས་ཀྱི་བྱ་གཞག་གསར་པ་སྤེལ་ཐབས་བྱས་ཀྱང། རང་རྐྱ་ཚུགས་ཐུབ་ཀྱི་གོ་བབ་ལ་ལོག་འགྲེལ་ཐེབས་པའི་ཀླད་མཁྲེགས་ཅན་ཚོས་རི་བོང་ཅལ་འདྲོགས་ཀྱི་འཇིགས་པའི་དབང་གིས་ལས་གཞི་དེར་འགོག་རྐྱེན་སྣ་ཚོགས་བཟོས་ཏེ། ལམ་ལྷོང་གཏན་ནས་བྱུང་མ་བཅུག  ཁོ་ཚོས་མི་རིགས་གཞན་དང་གཞན་གྱི་དཔལ་འབྱོར། རིག་གནས།ཡུལ་སྲོལ་གོམས་གཤིས་སོགས་དང་གཏན་ནས་མ་འབྲེལ་བར་གནས་ན་རང་རྐྱ་དང་ཚུགས་ཐུབ་ཀྱི་མི་རིགས་ཤིག་ཏུ་འགྱུར་འོང་སྙམ་ནས།ཚན་རིག་ལྟ་བུའི་རིག་གསར་རྣམས་ནང་འདྲེན་བྱ་རྒྱུར་འདུན་པ་གཏན་ནས་མ་བསྐྱེད།ཀླད་མཁྲེགས་ཅན་འདི་ཚོར་ཚུར་ལེན་གྱི་སྙིང་སྟོབས་མེད་པར་བརྟེན།དུས་རབས་འདི་ཡི་ཁྲོད་རང་ཅག་གངས་ཅན་པའི་དཔྲལ་བའི་ངོས་སུ་རྗེས་ལུས་ཞེས་པའི་ཐ་སྙད་དེ་མི་འདོད་བཞིན་དུ་ཁུར་དགོས་བྱུང་བ་མ་ཟད།ལས་དབང་འཁྱག་ལ་བཅོལ་བའི་ལོ་རྒྱུས་ཀྱི་དཀྱོག་མཚམས་དེ་ཡང་མྱང་དགོས་བྱུང་སོང། ད་དུང་ཡང་འདས་པའི་བྱུང་བ་ལ་ཕྱིར་མིག་མེད་པར་རྙིང་ཞེན་དང་བག་འཁུམ་གྱིས་ཚུར་ལེན་གྱི་སྙིང་སྟོབས་མ་བསྐྱེད་ན།བོད་ཁམས་གཏན་ནས་ལངས་མི་ཐུབ་པའི་མུན་ཁུང་དུ་ལྕེབས་སྲིད།ཡང་གཅིག་བཤད་ན་ང་ཚོ་བོད་མི་རིགས་འདི་རིག་གཞུང་གི་ཆ་ནས་མི་རིགས་སུ་ལ་ཡང་ངོ་གནོང་མི་དགོས་པར་དཔུང་པ་མཉམ་གཤིབ་ལས།རིག་གཞུང་རྗེས་ལུས་པའི་མིང་ཤས་ཁུར་མི་དགོས་པ་དེ་བཙན་པོ་རྣམས་ཀྱི་ཚུར་ལེན་སྙིང་སྟོབས་ཀྱི་གྲུབ་འབྲས་ཡིན་པར་ཤེས་པར་བྱས་ཏེ།སྙིང་སྟོབས་ཅན་གྱི་བཙན་པོ་ཚོའི་མཛད་རྗེས་ལ་དཔེ་བླངས་ནས། ཚུར་ལེན་གྱི་སྙིང་སྟོབས་བསྐྱེད་དེ།ཚན་རིགའཕྲུལ་རིག དཔལ་འབྱོར་རིག་པ་སོགས་འཚོ་བའི་ལག་ལེན་ཁྲོད་ངེས་པར་དུ་མཁོ་བའི་གཞུང་ལུགས་དང་ལག་ལེན་ཡོད་ཚད་ནང་འདྲེན་བྱ་དགོས་པར་འདོད།དེ་ལྟར་བྱུང་ན་དཔལ་འབྱོར་དང།འཕྲུལ་རིགས་སྐད་ཡིག་སོགས་གང་གི་ཆ་ནས་གཞན་ལ་ལྟོས་མི་དགོས་པའི་དོན་དམ་གྱི་རང་རྐྱ་བའི་མི་རིགས་ཤིག་ཏུ་འགྱུར་བ་མ་ཟད།དུས་དེ་ནས་བོད་འདི་རྗེས་ལུས་པའི་ཐོ་གཞུང་ནས་ཀྱང་འབུད་ཐུབ་པར་ངེས།
   འདི་ལྟར་གླེང་བའི་ཚུར་ལེན་ཞེས་པ་ནི།དེང་སང་གསར་བུ་ཀླད་སྟོང་ཅན་ཚོས་ནང་འདྲེན་ཡིན་མདོག་གིས་གཞན་གྱི་སྤྱོད་ངན་མཐའ་དག་ཚུར་ལེན་བྱེད་པར་མི་གོ་བར།གཞན་གྱི་འཚོ་བའི་ཁྲོད་ཀྱི་ལག་ལེན་ལེགས་གྲས་ནང་འདྲེན་བྱེད་པར་ཟེར་བ་ཡིན་ལ།དེས་ན་ཚུར་ལེན་རིང་ལུགས་པ་རྣལ་མ་ཞིག་བྱ་འདོད་ཚེ་ངེས་པར་དུ་ཕྱི་གཏེར་ནང་འདྲེན་བྱེད་པ་ལས། ཕྱི་སྐྱག་ནང་འདྲེན་གཏན་ནས་བྱ་མི་འོས་སོ།

བོད་ཀྱི་བང་ཆེན་ཐོག་ཏུབཀོད།།                      


0 བསམ་ཚུལ་འདོན་པ།: