འབའ་པ་སྐལ་བཟང་འཕྲིན་ལས།

འབའ་པ་སྐལ་བཟང་འཕྲིན་ལས།
ང་ནི་ང་རང་ཡིན་ནཡང་། ངས་ད་དུང་རང་ཉིད་འཁྲུལ་མེད་དེ་རྙེད་མ་སོང་། དོན་དམ་པར་རང་ཉིད་ཅི་འདྲ་ཞིག་ཡིན་མིན་ཤེས་པའི་སླད་དུ་རང་ཉིད་ཀྱི་གོམ་པ་འདོར་བཞིན་ཡོད།

གླུ་གར་མིག་གི་དགའ་སྟོན།

Loading...
ཟླ་རེའི་ཡིག་ཚགས།

སྐུ་མགྲོན་ཡོངས་ལ་འཚམས་འདྲི་ཞུ།

༄༅།། བརྡ་འཕྲིན་གྱི་དུས་རབས་སུ་བརྡ་འཕྲིན་ནི་སྲིད་འབྱོར་རིག་སྲིད་གོང་དུ་གསུམ་བཏེགས་པའི་བགྲོད་ལམ་ཡག་ཤོས་དེ་རེད། བརྒྱུད་ལམ་དེ་ནས་མི་ཡི་མངོན་འདོད་མང་པོ་ཞིག་ཐབས་འཚོལ་བྱ་ཐུབ། ཁོ་བོས་ཀྱང་བརྒྱུད་ལམ་ནས་རང་ཅག་གངས་ཅན་པའི་དབུགས་རྔ་དེ་ཡི་བཞུར་རྒྱུན་བསྲིངས་པའི་སླད་དུ། ཟིན་བྲིས་ཞེས་པའི་ཚིག་འབྲུ་གཉིས་པོ་ལ་རིན་ཐང་ཆེན་པོ་འཇོག་བཞིན་ཡོད་ལ། ད་ཐེངས་ཟིན་བྲིས་ཞེས་པའི་ཚིག་འབྲུ་གཉིས་པའི་རིན་ཐང་ལོངས་སུའང་སྤྱོད་ཀྱི་ཡིན། ང་ཡི་ཁྱིམ་གཞི་གསར་པའི་སྒོ་ཁ་ནས་དར་ཚོན་གཅོད་བྲེག་བྱ་སར་ཕེབས་པའི་གྲོགས་པོ་སྐུ་མགྲོན་ཡོངས་ལ་འཚམས་འདྲི་ཞུ།
མཚམས་འདི་ནས་ཟིན་བྲིས་གསར་བཟོ་ཡི་རོགས་གདན་གནང་མཁན་དྲ་རྒྱ་ཆེད་བཟོ་བ་བསོད་ནམས་འོད་ཟེར་མཆོག་ལ་བཀའ་དྲིན་ཆེ་ཞུ།

འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས།

བདེ་སྐྱིད་ཟེར་བ་དེ་འདི་རེད།

ཁྱེད་དང་ང་།ང་དང་ཁོ། ལྗིད་ཏིག་ཏིག་གི་ཐ་སྙད་འདི་ནུབ་སོང་ན། འཇིག་རྟེན་འདིར་ས་མཚམས་མེད་ལ། སྣང་མུན་དང་དཀར་ནག་ཟེར་བའི་དཀར་འདོན་གྱི་སྐད་ཆ་དག་ཀྱང་ཆད་འོངས། དུས་དེར་ཁྱེད་ཀྱིས་བདེ་སྐྱིད་ཅེས་པའི་ཚིག་འབྲུ་གཉིས་ཀྱི་འབྲུ་དོན་ཡང་ཤེས་ཚོད་ཡིན།

ཟིན་བྲིས་ཡིག་ཚགས།

སྒེར་གྱི་རྒྱུ་ཆ།

༄༅།། འབའ་ཐང་གི་འགྱུར་ཁུག
འབྲེལ་གཏུགས་ཁ་པར། ༠༩༩༧༢༤༠༧༠༤༨ ཁེའུ་ཁེའུ། 891359375
View my complete profile
འབའ་པ་སྐལ་བཟང་འཕྲིན་ལས།. Powered by Blogger.

དྲྭ་རྒྱ་བཟོ་འགོད་པ་བསོད་ནམས་འོད་ཟེར།
                                          རི་མོའི་ཁྲོད་ན་འགྲེང་པའི་ང་།
སྣ་ཚོགས་སྒྱུ་མའི་འཕྲུལ་གྱིས་བསྐྲུན་པའི་རི་བྱའི་སྒོང་ངའི་སྦུབས་གཏོར་ནས།།
ཉི་མའི་འོད་ཀྱི་གསལ་ཆ་འོག་ཏུ་གོམ་པའི་འདེགས་འཇོག་བྱེད་ཉིན་ནས།།
འདུ་འཛིན་རྦ་རླབས་གྱེན་དུ་འཕྱུར་པའི་ས་མཐའི་མཐིང་ནག་རྒྱ་མཚོ་རུ།།
ཅི་ཞིག་འཚོལ་བའི་འདུན་པ་ཞིག་གིས་བྲང་ཁོག་ལེབ་མོར་རྔ་བཞིན་བརྡུང་།།

གསེར་གྱི་རང་མདངས་ལམ་ལམ་འཚེར་པའི་གནའ་མཁར་རྙིང་པའི་ཡང་ཐོག་ཏུ།།
རྔ་བོ་ཆེ་ཡི་ལྡིར་སྒྲ་གཟན་པོས་གནམ་ས་ཡོམ་ཡོམ་བྱེད་པ་ན།།
གློག་འཁྱུག་ལྟ་བུའི་འདུ་ཤེས་གསོན་པོས་བཙན་གྱིས་བཀས་བཀོད་བྱེད་པ་ལས།།
ཏ་ལེན་རྙིང་པ་ཕྲག་པར་གཟེར་ནས་ཟོ་ཆུན་ལམ་དུ་སྟོན་མོར་ཆས།།

འུར་འུར་སྡང་པའི་རླུང་དམར་ཁྲོད་ན་བཅོས་མའི་འཛུམ་གྱིས་སྤྲོ་བ་ངོམས།།
གཡང་གཟར་རེ་ལ་བདེ་ལྡན་ཞིང་གིའགྲེལ་བརྗོད་རེ་རེ་བཙན་གྱིས་བཏགས།།
ཕར་ཚུར་གཉིས་ཀ་རོ་གཅིག་ཡིན་པའི་གླེང་ཕྱོགས་ཡུག་གཅིག་སྐེ་རུ་འདོགས།།
གང་ལ་གཟས་པའི་རེ་སྨོན་ཞིག་གིས་ཡོད་པ་ཐམས་ཅད་མེད་འདོད་སྐྱེས།།

ཕ་མཐའ་མིག་གི་ལམ་ནས་བོར་པའི་རྒྱ་མཚོ་ལྟ་བུའི་ཐང་སྟོང་སྟེང་།།
བྱེ་མ་སྤར་གང་གནམ་ལ་གཏོར་ཏེ་ལྷ་བསང་དཀར་པོའི་དོད་དུ་མཆོད།།
མཆོད་པའི་རྫས་ལརིན་ཐང་མེད་ཀྱང་ལྷ་ཀླུ་གཉེན་གསུམ་དགྱེས་ཤིང་འཛུམ།།
ཁོ་ཚོའི་འཛུམ་པའི་སོ་དཀར་དེ་ཉིད་རྟེན་འབྲེལ་ཁ་བཏགས་ལས་ཀྱང་གཅེས།།

རྟེན་འབྲེལ་ཁ་བཏགས་མིག་སྔར་འཕྱན་པས་གོམ་པའི་འདེགས་འཇོག་རླུང་ལྟར་མྱུར།།
སྔོན་ནས་གཟས་པའི་བདེ་ལྡན་ཞིང་ན་འོད་ཀྱི་སྤྲོས་པ་སྔོན་ལས་ཆེ།།
ངོས་ཆེན་འདི་གཉིས་ཕན་ཚུན་ལྟོས་པའི་གྲུབ་སྟངས་གནས་ལུགས་འཚར་པོ་ཡིས།།
ཉམ་ཆུང་བདག་ནི་དེ་མ་ཉིད་དུ་མཁའ་ལམ་བཤར་པའི་རྒོད་ཅིག་འགྱུར།།

འཕུར་རྩལ་མེད་ཀྱང་འདུན་པའི་ཤུགས་ཀྱིས་རི་རབ་ལྷུན་པོ་བྲང་འོག་བཅུག།།
རི་རབ་ལྷུན་པོ་གདན་དུ་སྙམ་པའི་ང་རྒྱལ་མགོ་བོ་གནམ་ལ་བཏེགས།།
ཡངས་པའི་མཁའ་དབྱིངས་ལམ་དུ་བྱས་པའི་སྤྲོ་སྣང་ཞིག་གིས་གཤོག་སྒྲོ་གཟེངས།།
ས་སྟེང་འདི་ན་ང་ཡིན་ཞེས་པའི་ཐོལ་གླུ་ངག་ནས་དབང་མེད་ཤོར།།

མག་མོག་འཕྱུར་པའི་སྨུག་སྤྲིན་གསེབ་ན་མུན་ཁྲོད་ཁེར་རྐྱང་བགྲོད་པ་བཞིན།།
ངེས་མེད་རླུང་གིས་བསྐྱོད་སྟངས་བར་ན་ཚེ་སྲོག་གྲི་ངོས་འཇོག་པ་བཞིན།།
དཀའ་ཁག་ཆེ་བའི་ཁུར་བུ་ལྕི་མོ་གདོང་ལེན་དཔུང་པས་ཤུགས་བཏེགས་ནས།།
ཉི་རྒས་དམར་པོ་རི་རྩེ་བཞུར་འཚམས་དམིགས་པའི་ཡུལ་དུ་རྐང་པ་འཇོག།།

གྱ་གྱུར་འཁྱིལ་པའི་ཆུ་བོ་དག་ལ་ཅ་ཅོ་སྒྲ་ཡི་རླབས་རིས་མེད།།
མི་ཚོགས་ཆེ་བའི་སྲལ་ལམ་དག་ན་ལྷིང་འཇགས་གཏོར་པའི་གྲག་འགུལ་དབེན།།
དཀར་དམར་ཁྲ་ཡི་ཁ་ཟས་དག་ལ་མངར་སྐྱུར་རྫས་ཀྱི་བྲོ་བ་ཡལ།།
གནམ་ངོགས་འཕུརཔའི་བྱ་བྱའུ་དག་ལ་གནམ་འཕངས་གཅོད་པའི་གཤོག་འགྱུར་མེད།།

ཡིད་མི་ཆེས་པའི་ཚོར་ཤུགས་ཤིག་གིས་བགྲོད་ཟིན་ལམ་ལ་ཕྱིར་བལྟས་ཤོར།།
ཨ་སྔོན་དབྱིངས་ཀྱི་བྲང་ཁ་ངོས་སུ་རང་ཉིད་ཇི་ལྟར་འཕུར་བ་རྣམས།།
ཁོ་བོའི་གསང་བ་གཏོད་པའི་སླད་དུ་ཤོག་ངོས་དཔར་དུ་འདེབས་པ་བཞིན།།
འཇའ་སྣ་བསྒྲིགས་པའི་ཁ་མདོག་ལམ་ནས་ང་ཡི་རང་བཞིན་གསལ་བར་་བཀྲ།།

ཕྱོགས་མཐར་འཁྱམ་པའི་མིག་ཟུང་འཕར་ཚར་་རྐང་པའི་རྡོག་སྣེར་ཕབ་པ་ན།།
བདག་ཉིད་མིག་ན་གསེར་ལྟར་འཚེར་བའི་དྲི་བྲལ་ཁུར་ཡུག་འདི་ཉིད་ཀྱང་།།                                                              
ལག་རྩལ་བྱང་པའི་མཁས་པ་ཞིག་གིས་འཆར་ཡན་རྟོག་པའིང་རོ་རྣམས།།
སྨྱུ་གུ་ཕྲ་མོའི་སོ་ཁ་ངོས་ནས་ཤོག་ངོས་འཁྱིལ་པའི་གཟུགས་རིས་ཤིག

གློ་བུར་འཁྲུངས་པའི་དཔྱོད་ཤེས་འདི་ཡིས་ལ་རྒྱབ་རོལ་དབྱངས་ལས་འཁྲུངས་པའི།།
རྗེན་མའི་ཞིང་ཁམས་དཔར་དུ་ལེན་པའི་ཤོག་བུའི་ངོས་ཀྱི་དག་ཞིང་དུ།།
ཨ་མྱེས་རྒན་པོའི་སློག་པ་རྙིང་པར་རྩ་ཆེའི་གོས་ཀྱི་གོང་སྤྲད་ནས།།
ཁ་ཕྱོགས་ཡོད་ཚད་གནམ་ལ་གཏོད་པའི་ངང་ཚུལ་ཞིག་གི་རང་འཚང་མཐོང་།།

རང་གི་ཡོད་ཚད་ཕར་ལ་བཏང་ནས་ཡུན་རིང་འགྲུལ་བཞུར་བྱས་པའི་མཐར།།
སྔར་ནས་གཟས་པའི་རྗེན་མའི་གྲོང་ན་ཉུལ་པའི་བསྐལ་པ་མ་ཐོབ་ཀྱང་།།
ད་ལྟར་དག་ཞིང་བརྙན་རིས་གསེབ་ན་འགྲེང་པའི་ང་ནི་རྗེན་པ་སྟེ།།
ནམ་ཡང་བདག་ནི་འདྲ་གཟུགས་མིན་པས་རེ་བའི་འོད་རླབས་ཅུང་ཙམ་འཕྲོས།།

2010/ 3/12ཉིན་དྷ་ས་རུ་བྲིས།